Samye monastery SMI
samye.org.tw
22/05/2026
༈ བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་གང་ཉིད་ཐོག་མར་ལུམ་བི་ནིའི་ཚལ་དུ་སྐུ་བལྟམས་ཤིང་། བར་དུ་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས། མཐར་རྩྭ་མཆོག་གྲོང་དུ་དགོངས་པ་ཞི་བར་གཟིམས་པའི་ཚུལ་བསྟན་པའི་དུས་ཆེན་སྟེ། དུས་ཆེན་གསུམ་འཛོམས་ཀྱི་ས་ག་ཟླ་བའི་དུས་བཟང་ཁྱད་པར་ཅན་འདིར་འདི་ག་དཔལ་སྔ་འགྱུར་བསམ་ཡས་རྗེས་དྲན་བཤད་སྒྲུབ་དགའ་ཚལ་གླིང་གི་དགེ་འདུན་འདུས་པ་ཡོངས་ནས་སྔར་སྲོལ་བཟང་པོ་ལྟར། ཉིན་གྲངས་བཅོ་ལྔའི་རིང་ས་ག་ཟླ་བའི་སྒྲུབ་མཆོད་ཆེན་མོ་འཚོག་བཞིན་པ།
16/05/2026
࿑ བོད་རྒྱལ་ལོ། ༢༡༥༣ རབ་གནས་མེ་ཕོ་རྟ་ལོ། ཕྱི་ལོ་ ༢༠༢༦། ཟླ་བ། ༥། ཚེས། ༡༥ ཉིན་༸སྐྱབས་རྗེ་ཡང་སྲིད་རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག་མཁན་སློབ་དགེ་བའི་བཤེས་གཉེན་ལྷན་འཛོམས་ཀྱིས་འདི་ག་དཔལ་སྔ་འགྱུར་མཐོ་སློབ་བསམ་ཡས་རྗེས་དྲན་བཤད་སྒྲུབ་དགའ་ཚལ་གླིང་གི་སློབ་གཉེར་བ་རྣམས་ནས། ལོ་འདིའི་ཟླ་མཇུག་དཔྱད་རྩོམ་བགྲོ་གླེང་འཚོག་ཐེངས་དང་པོ་སྟེ་དགེ་ཞིང་བཀྲ་ཤིས་པའི་ངང་དུ་ལེགས་གྲུབ་བྱུང་ཞིང་། དགོང་མོའི་ཆར་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ནས་འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་ལམ་སྟོན་ཡང་ལེགས་པར་སྩལ་གནང་མཛད།
གཟའ་མཇུག་གི་རྩོད་རྒྱུགས་ཕུལ་པའི་ཟུར་ཞིག
13/05/2026
༸སྐྱབས་རྗེ་རིན་པོ་ཆེ་མཆོག་གི་དོལ་པོའི་མཛད་རིམ།
11/05/2026
༈ དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༡༡ རེས་གཟའ་ཟླ་བའི་ཉིན། ༸སྐྱབས་རྗེ་སྨྱོ་ཤུལ་ཡང་སྲིད་༸འཇམ་དཔལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག་དང་། འདི་གའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱིས་དབུ་བཞུགས་ཐོག དཔལ་སྔ་འགྱུར་བསམ་ཡས་རྗེས་དྲན་བཤད་སྒྲུབ་དགའ་ཚལ་གླིང་གི་གཞི་རིམ་བཞི་པ་ནས་བརྒྱད་པ་བར་གྱི་སློབ་ཕྲུག་ཡོངས་ནས་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཀྱི་ཡན་ལག་དཀར་རྒྱན་དང་རི་མོའི་རྒྱུགས་སྤྲོད་ཆེན་མོ་གཏོང་བཞིན་པའི་བརྙན་པར་འགའ་གཟིགས་འབུལ་ཞུ།
𝐎𝐧 𝐌𝐚𝐲 𝟏𝟏, 𝟐𝟎𝟐𝟔, marks the ornament and drawing examinations at the Samye Memorial Buddhist Vihara. Held under the gracious presence of the Kyabje Nyoshul Yangsit Rinpoche, together with the Khenpo Lopön and teachers, students from Primary Levels 4th class to 8th class gathered to demonstrate the skills they have cultivated throughout the year. We are pleased to share a few photographs from this meaningful occasion.
बैशाख २८, २०८३ यसै साम्ये मेमोरियल बौद्ध विहारमा परम पुज्यनिय औतारी (याङ्गसित) रिन्पोछेज्युको मुल उपस्थितिमा, आदरणिय खेन्पो तथा लोपोनहरू र शिक्षकहरूसहित, कक्षा स्तर ४ देखि ८ सम्मका विद्यार्थीहरू एकत्रित भई अलङ्कार तथा चित्रकला परीक्षा दिइएको यस अर्थपूर्ण अवसरका केही तस्बिरहरू तपाइहरु माज साझा गर्न पाउँदा ह्रदय देखिनै हर्षित छौं।
01/05/2026
Wishing you all the happy Buddha Jayanti
सबैलाई बुद्ध जयन्तीको हार्दिक शुभकामना
17/04/2026
༢༠༢༦། ༠༤། ༡༧ དེ་རིང་གཟའ་སྐར་འཕྲོད་སྦྱོར་རབ་ཏུ་དགེ་བའི་ཉིན། ༸སྐྱབས་རྗེ་ཡང་སྲིད་རིན་པོ་ཆེ་མཆོག་གི་གཙོས་པའི་མཁན་སློབ་བཤེས་གཉེན་ཡོངས་ཀྱིས་དབུ་བཞུགས་ཐོག འདི་ག་དཔལ་སྔ་འགྱུར་བསམ་ཡས་རྗེས་དྲན་བཤད་སྒྲུབ་དགའ་ཚལ་གླིང་གི་སློབ་གཉེར་བ་རྣམས་ནས་ལོ་འདིའི་ཟླ་མཇུག་རྩོམ་རྒྱུགས་ཐེངས་དང་པོ་དགེ་ཞིང་བཀྲ་ཤིས་པའི་ངང་ལེགས་པར་ཕུལ་གནང་མཛད།
07/04/2026
བས༵མ་ཡ༵ས་ཆོ༵ས་ཀྱི་༵གྲོང་བརྡལ་ཡངས་མོ་ནས།།
ཤེས་བྱའི་ཆོས་ཀྱི་འོ༵ད་རླབས་རབ་འཕྲོས་པས།།
སྲིད་ཞིའི་ཁམས་ཀུན་སྣ༵ང་བས་འབྱམས་ཀླས་ཏེ།།
བསམ་ཡས་པ་ཡི་དགོངས་པར་བཟླུམས་གྱུར་ཅིག །
བཀྲ་ཤིས་པའི་ཚིགས་བཅད་རེ་སྨོན་འདུན་གྱི་ཚུལ་དུ་མཆན་འདེབས་རོགས་གནང་།
06/04/2026
ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༦ སྟེ་རབ་ཏུ་དགེ་བའི་ཉིན། བལ་ཡུལ་ཞེ་བསྟན་གཉིས་དར་རྒྱས་གླིང་ག་ལ་བར། ༸སྔ་འགྱུར་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་༸ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས། རོང་ཟོམ་མ་ཧཱ་པཎྜི་ཏའི་བཀའ་འབུམ། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ། གྲུབ་ཐོབ་ཀརྨ་གླིང་པའི་གསུང་འབུམ། སྙིང་ཐིག་ཡ་བཞི་བཅས་ཀྱི་སྨིན་བྱེད་དང་རྒྱབ་རྟེན་གྱི་རིམ་པ་དག་ལེགས་པར་ནོད་པའི་སྐལ་བཟང་གི་གོ་སྐབས་ཐོབ་པའི་འདི་ག་དཔལ་སྔ་འགྱུར་བསམ་ཡས་རྗེས་དྲན་འདུས་སྤྱི་ཐུན་མོང་ནས་༸མགོན་པོ་གང་གི་སྐུ་མི་ཤིགས་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་འཚོ་ཞིང་གཞེས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྟག་པ་རྒྱུན་ཆད་མེད་པར་བསྐོར་བའི་རྟེན་བྱུང་དུ་མཎྜལ་བརྟན་བཞུགས་གཟབ་རྒྱས་ཤིག་འདེགས་འབུལ་ཞུས་ཤིང་། དད་ལྡན་ཆོས་ཞུ་བ་ཡོངས་ལ་འདི་ག་ནས་པར་དུ་བསྐྲུན་པའི་ཚེ་མདོ་ཡང་ཆོས་སྦྱིན་གྱི་ཚུལ་དུ་ལེགས་པར་སྩལ།
Click here to claim your Sponsored Listing.
Category
Website
Address
Kathmandu
Opening Hours
| Monday | 06:00 - 20:00 |
| Tuesday | 06:00 - 17:00 |
| Wednesday | 06:00 - 20:00 |
| Thursday | 06:00 - 20:00 |
| Friday | 06:00 - 20:00 |
| Saturday | 06:00 - 21:30 |
| Sunday | 06:00 - 20:00 |
30/04/2026