Disket Monastery

Disket Monastery

Share

Contact information, map and directions, contact form, opening hours, services, ratings, photos, videos and announcements from Disket Monastery, Magazine, Delhi.

17/02/2026

གདུང་སེམས་མཉམ་སྐྱེད་ཀྱི་གསུང་འཕྲིན།

༧རྒྱལ་བའི་སྐུའི་གཅུང་པོ་༧སྐྱབས་རྗེ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཞི་བར་གཤེགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པར་བློ་ཕམ་ཆེན་པོ་བྱུང་། བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་དགེ་འདུན་འདུས་མང་ཡོངས་ནས་དམ་པ་གང་ཉིད་ཀྱི་འབྲེལ་ཡོད་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། རིན་པོ་ཆེ་མཆོག་བོད་བསྟན་སྲིད་སྤྱི་དང་བསྟན་པ་དང་འགྲོ་བའི་དོན་དུ་སྐུའི་ཡང་སྲིད་མྱུར་དུ་འབྱོན་པའི་བསྔོ་སྨོན་གསོལ་འདེབས་ཤུགས་དྲག་དང་བཅས།

Photos from Disket Monastery's post 23/01/2026

༄༅།།ལུང་རྟོགས་ཡོན་ཏན་དུ་མས་ཐུགས་རྒྱུད་རབ་ཏུ་ཕྱུག་པའི་༸སྐྱབས་རྗེ་བ་ཀུ་ལ་མཆོག་སྤྲུལ་རིན་པོ་ཆེ་༸རྗེ་བཙུན་བསྟན་འཛིན་ངག་དབང་འཇིགས་མེད་དབང་ཕྱུག་དཔལ་བཟང་པོ་མཆོག་དགུང་གྲངས་ཉི་ཤུ་ལ་ཕེབས་པའི་འཁྲུངས་སྐར་བསུ་བའི་བཀྲ་ཤིས་པའི་ཉིན་བཟང་པོར།
ལྡུམ་ར་བདེ་སྐྱིད་དགོན་གྱི་འདུས་མང་ཡོངས་ནས་ལྷ་ཕྱག་གྲངས་མེད་དང་བཅས་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་ལགས།

མཆོག་གི་སྐུ་ཚེ་རྟག་པར་བརྟན་ཞིང་། མཁྱེན་རབ་ཆེན་པོས་ཆོས་དང་འགྲོ་བའི་དོན་ལ་རྒྱ་ཆེར་ཕན་པ་བསྐྱེད་པར་སྨོན་འདུན་ཞུ།
བསྟན་པ་ཡུན་རིང་གནས་ཤིང་། བསྟན་འགྲོའི་མདུན་ལམ་གསལ་པོར་བསྟན་པའི་སྐལ་བཟང་དུས་རྟག་ཏུ་འབྱུང་བར་ཤོག།

དེ་བཞིན་མཆོག་གི་ཐུགས་བསམ་ཡོད་ཚད་ལྷུན་གྱིས་གྲུབ་པ་དང་། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས་འགྲོ་བ་མང་པོ་ལ་ཕན་བདེ་འཕེལ་བར་ཤོག།

ཞེས་
ལྡུམ་ར་བདེ་སྐྱིད་དགོན་གྱི་འདུས་མང་ཡོངས་ནས།

Photos from Disket Monastery's post 19/01/2026

མང་ཡུལ་ལ་དྭགས་རི་ལྗོངས་ལྷན་ཚོགས་ཀྱི་ CEC Capex Fund འོག་ལྡུམ་རྭ་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་དུ་ཕྱིའི་སྲུང་དང་སྐྱོབ་བདེ་འཇགས་སོགས་ཀྱི་ཆེད་དགོན་པར་ CCTV Cameras དཔར་ཆས་གསར་བཙུགས་མཛད་པར་བདེ་དགོན་བླ་མ་དབུ་ཆོས་གཙོས་པའི་དགེ་འདུན་ཡོངས་དང་བཅས་པའི་དཔལ་ལྡན་ཚོགས་གཙོ་ཟུར་པ་ (CEC) Adv. སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་མཆོག་དང་། བཀུར་འོས་སྲིད་སྐྱོང་གཞོན་པ་ཟུར་པ་ཚེ་རིང་ཨང་ཕྱུག་མཆོག དེ་བཞིན་ལ་དྭགས་རི་ལྗོངས་ལྷན་ཚོགས་ཀྱི་འབྲེལ་ཡོད་འཛིན་སྐྱོང་ཡོངས་ལ་ཐུགས་རྗེ་ཆེ་བཀའ་དྲིན་ཆེས་ཆེ་ཞུ་རྒྱུ་ཡིན། བྱ་གཞག་རིན་ཐང་ཅན་འདི་དག་ནི་དགོན་པའི་ཕྱིའི་སྲུང་སྐྱོབ་དང་བདེ་འཇགས་སོགས་ལ་ཧ་ལས་པའི་ཕན་རླབས་བྱུང་ངེས་ཡིན།

We, the monks of Disket Monastery, express our sincere gratitude to the Honorable Former Chief Executive Councillor (CEC), Adv. Tashi Gyalson, Honorable Former Deputy CEC, Ka Tsering Angchuk, and the UT Administration for installing CCTV cameras at Disket Monastery under the CEC Capex Fund. This valuable initiative has significantly enhanced the security of the monastery.

🙏🙏🙏

16/10/2025

བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་ལོ་འཁོར་དགུ་གཏོར་གར་འཆམ་གྱིས་ཁྱབ་བསྒྲགས།Annual Mask Dance Festival of Disket Monastery, Nubra.

09/09/2025
Photos from Disket Monastery's post 09/09/2025

ལྡུམ་རྭ་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གིདགེ་འདུན་་འདུས་མང་ཡོངས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། བསྟན་འཛིན་་ཀུན་གྱི་གཙུག་རྒྱན་༸སྤྱི་ནོར་༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པ་དང་། འཛམ་གླིང་ཡངས་པའི་ཁྱོན་གྱི་སྐྱེ་བོ་རྣམས་ནད་ཡམས་འགལ་རྐྱེན་བར་ཆད་ཐམས་ཅད་དམིགས་མེད་ཞི་ནས་འཚེ་མེད་ཞི་བདེའི་དཔལ་ལ་ལོངས་སྤྱོད་པ་སོགས་ཀྱི་ཆེད་དུ་དམིགས་ནས་ལོ་ལྟར་འཚོགས་བཞིན་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྡུལ་ཚོན་དཀྱིལ་འཁོར་དང་འབྲེལ་བའི་སྒོ་ནས་སྒྲུབ་མཆོད་དང་། རབ་གནས་དགེ་ལེགས་འཆར་བེབས། ཆོས་སྐྱོང་ཡོངས་རྫོགས་ཀྱི་སྐང་གསོ་དང་བཀྲ་ཤིས་པའི་ཤིས་བ་བརྗོད་པ་དང་འབྲེལ་བའི་སྒོ་ནས་ལེགས་པར་གྲུབ་པ།

Yamantaka sand mandala with rituals prepatory from Aug 27 to September 5 Tendays rituals ceremony at Galden Tashi choeling Disket monastery Nubra.

Yamantaka mandala is a Tibetan Buddhist meditation tool, a two-dimensional diagram of a three-dimensional divine palace, used to visualize the deity Yamantaka and achieve wisdom and compassion. The elaborate sand mandalas, created by monks, symbolize Yamantaka's residence and the purified nature of one's own mind and environment. The ritual involves meditation on the mandala's details, purifying negative karma, and transforming ordinary consciousness into enlightened form. The sand mandala is eventually destroyed in a ritual called the dissolution, with the sand released into a river as a blessing for all beings.

27/07/2025

ལ་དྭགས་ནུབ་ར་རང་ཁོངས་བདེ་དགོན་དགའ་ལྡན་བཀྲིས་ཆོས་གླིང་གི་དགེ་སློང་བསྟན་འཛིན་ཚེ་འཕེལ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དབུ་མཛད་ཆེན་མོའི་གོ་ས་བཞེས་པར་དགའ་སྤྲོ་དང་། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

🙏 Heartfelt Congratulations to Venerable Tenzin Tsephel la 🙏

We are so proud and delighted to share the joyful news that Venerable Tenzin Tsephel a monk from Deagon Ghaldan Tashi chosling monastery (Disket Gompa) been appointed as the Lead Chanter (Umdze) of Drepung Gomang Monastery, South India!
This is not only a great personal achievement but also a recognition of his deep dedication, discipline, and years of unwavering commitment to the Dharma and the monastic community. As Umdze, he will now lead the sacred chants and rituals that preserve and carry forward our precious tradition.
May this new role bring countless benefits to the sangha and to all sentient beings.
May your voice continue to echo with compassion, wisdom, and blessings. 🌼📿

Tashi Delek & Thuk-je Che! 🙏✨

Photos from Disket Monastery's post 22/07/2025

༄༅།། ཇི་ལྟར་གདན་ཞུ་ཕུལ་བ་བཞིན་ ༢༠༢༥ ཕྱི་ཟླ་ ༧ ཚེས་ ༡༩ སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལྡུམ་རྭ་བདེ་སྐྱིད་དགོན་དུ་ཕེབས་པ།

As invited, in the morning of 19 July 2025, Prof. Samdhong Rinpoche arrives Diskit Monastery, Nubra, Ladakh.🙏🏻

Grand 90th Birthday Celebration of His Holiness the Dalai Lama | Diskit Nubra 07/07/2025

༄༅། །ཕྱི་ལོ་༢༠༢༥ ཟླ་ ༧ ཚེས་ ༦ རེས་གཟའ་ཉི་མའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་ལོ་དགུ་བཅུ་ཐམ་པ་འཁོར་བའི་སྐུའི་གོ་སྟོན་དང་འབྲེལ་བའི་འཁྲུངས་སྐར་རང་དགོན་གི་དགེ་འདུན་འདུས་མང་ཡོངས་ནས་གསུང་ཆོས་རའི་ནང་ལྷན་ཅིག་ཏུ་འཛོམས་ཏེ་རི་བོ་བསང་མཆོད་དང་། གནས་བརྟན་ཕྱག་མཆོད། ༸རྒྱལ་བའི་ཞབས་བརྟན་གསུང་ཤིང་དགེ་འདུན་ཡོངས་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་འབུལ་ཏེ་འཆམ་རའི་ནང་དུ་མི་མང་མཉམ་འཛོམས་ཀྱིས་དགའ་དད་སྤྲོ་གསུམ་གྱིས་མགོན་པོ་གང་ཉིད་སྐུ་ཚེ་ཡུན་དུ་བརྟན་ཅིང་མཛད་འཕྲིན་གོང་འཕེལ་ཡོང་བའི་སླད་དུ་གསོལ་འདེབས་སྨོན་ལམ་བཅས་ཏེ་མཛད་རིམ་ལེགས་པར་མཐའ་གྲུབ་ཡོད།
Diskit Monastery

Grand 90th Birthday Celebration of His Holiness the Dalai Lama | Diskit Nubra A historic and spiritually uplifting celebration held in the sacred land of Diskit, Nubra Valley, Ladakh, to honor the 90th birthday of His Holiness the 14th...

Photos from Disket Monastery's post 27/06/2025

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༦ ཚེས། ༡༨ ཉིན། ༸སྐྱབས་རྗེཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ལ་དྭགས་ལྡུམ་ར་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་དགོན་པ་རྙིང་པ་གཟིགས་སྐོར་གནང་བ།

Want your business to be the top-listed Media Company in Delhi?
Click here to claim your Sponsored Listing.

Category

Website

Address


Delhi