Paro Tara Monastery

Paro Tara Monastery

Share

Paro Tara Monastery is located in the Gimna village, Paro, Bhutan. The old, existing one has been renovated into the current Paro Tara Monastery.

The renovation and construction works of Paro Tara Monastery started in the year 2009. It is located in Jimna village, Paro dzongkhag.

24/02/2026

zhung sum

14/02/2026

དེ་བས་སྐྱོ་ངལ་ཀུན་སེལ་བའི། །449
བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས།།
བདེ་ནས་བདེ་བར་འགྲོ་བ་ལ། །
སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །
འཕགས་པ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
མཁན་སྤྲུལ་བསྟན་འཛིན་ཆོས་ཀྱི་འབྱུང་གནས།།
https://youtube.com/?si=KpmsnrObWzGVpLRd

14/02/2026

འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། །448
སྔོན་གྱི་སྡིག་པ་ཟད་བྱེད་ཅིང༌།།
བསོད་ནམས་རྒྱ་མཚོ་སྡུད་བྱེད་ཕྱིར། །
ཉན་ཐོས་རྣམས་པས་མཆོག་ཏུ་བཤད། །
འཕགས་པ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
མཁན་སྤྲུལ་བསྟན་འཛིན་ཆོས་ཀྱི་འབྱུང་གནས།།
https://youtube.com/?si=KpmsnrObWzGVpLRd

14/02/2026

བསོད་ནམས་ཀྱིས་ནི་ལུས་བདེ་ལ། །447
མཁས་པ་ཡིས་ནི་སེམས་བདེ་ན། །
གཞན་དོན་འཁོར་བར་གནས་ཀྱང་ནི། །
སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། །
འཕགས་པ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
མཁན་སྤྲུལ་བསྟན་འཛིན་ཆོས་ཀྱི་འབྱུང་གནས།།
https://youtube.com/?si=KpmsnrObWzGVpLRd

14/02/2026

སྡིག་པ་སྤང་ཕྱིར་སྡུག་བསྔལ་མེད། །446
མཁས་པའི་ཕྱིར་ན་མི་དགའ་མེད། །
འདི་ལྟར་ལོག་པར་རྟོག་པ་དང༌། །
སྡིག་པས་སེམས་དང་ལུས་ལ་གནོད། །
འཕགས་པ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
མཁན་སྤྲུལ་བསྟན་འཛིན་ཆོས་ཀྱི་འབྱུང་གནས།།
https://youtube.com/?si=KpmsnrObWzGVpLRd

14/02/2026

གང་ཚེ་རང་གི་ལུས་ལ་ནི། །445
ཚོད་སོགས་ལྟ་བུའི་བློ་སྐྱེས་ནས། །
དེ་ཚེ་ཤ་ལ་སོགས་གཏོང་བ། །
དེ་ལ་དཀའ་བ་ཅི་ཞིག་ཡོད། །
འཕགས་པ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
མཁན་སྤྲུལ་བསྟན་འཛིན་ཆོས་ཀྱི་འབྱུང་གནས།།
https://youtube.com/?si=KpmsnrObWzGVpLRd

14/02/2026

ཚོད་མ་ལ་སོགས་སྦྱིན་པ་ལའང༌། །444
འདྲེན་པས་ཐོག་མར་སྦྱོར་བར་མཛད། །
དེ་ལ་གོམས་ནས་ཕྱི་ནས་ནི། །
རིམ་གྱིས་རང་གི་ཤ་ཡང་གཏོང༌། །
འཕགས་པ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
མཁན་སྤྲུལ་བསྟན་འཛིན་ཆོས་ཀྱི་འབྱུང་གནས།།
https://youtube.com/?si=KpmsnrObWzGVpLRd

11/02/2026

གསོ་དཔྱད་ཕལ་པ་འདི་འདྲ་བ། །443
སྨན་པ་མཆོག་གིས་མ་མཛད་དེ། །
ཆོ་ག་ཤིན་ཏུ་འཇམ་པོ་ཡིས། །
ནད་ཆེན་དཔག་མེད་གསོ་བར་མཛད། །
འཕགས་པ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
མཁན་སྤྲུལ་བསྟན་འཛིན་ཆོས་ཀྱི་འབྱུང་གནས།།
https://youtube.com/?si=KpmsnrObWzGVpLRd

11/02/2026

སྨན་པ་ཀུན་ཀྱང་གསོ་དཔྱད་ཀྱི། །442
མི་བདེ་བ་ཡིས་ནད་མེད་བྱེད། །
དེ་བས་སྡུག་བསྔལ་མང་པོ་དག།
གཞོམ་ཕྱིར་མི་བདེ་ཆུང་བཟོད་བྱ། །
འཕགས་པ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
མཁན་སྤྲུལ་བསྟན་འཛིན་ཆོས་ཀྱི་འབྱུང་གནས།།
https://youtube.com/?si=KpmsnrObWzGVpLRd

11/02/2026

བདག་གིས་བྱང་ཆུབ་སྒྲུབ་པ་ཡི། །441
སྡུག་བསྔལ་འདི་ནི་ཚོད་ཡོད་དེ། །
ཟུག་རྔུ༌༈ཁོང་བརླག་གནོད་བསལ་ཕྱིར། །
ལུས་རྨ་བཏོད་པའི་སྡུག་བསྔལ་བཞིན། །
འཕགས་པ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
མཁན་སྤྲུལ་བསྟན་འཛིན་ཆོས་ཀྱི་འབྱུང་གནས།།
https://youtube.com/?si=KpmsnrObWzGVpLRd

11/02/2026

བསྐལ་པ་བྱེ་བ་གྲངས་མེད་དུ། །440
ལན་གྲངས་དུ་མར་བཅད་པ་དང༌། །
དབུག་དང་བསྲེག་དང་གཤེགས་འགྱུར་གྱི། །
བྱང་ཆུབ་ཐོབ་པར་མི་འགྱུར་རོ། །
འཕགས་པ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
མཁན་སྤྲུལ་བསྟན་འཛིན་ཆོས་ཀྱི་འབྱུང་གནས།།
https://youtube.com/?si=KpmsnrObWzGVpLRd

Want your place of worship to be the top-listed Place Of Worship in Paro?
Click here to claim your Sponsored Listing.

Address


Paro Tara Monastery
Paro
11001